འདྲི་དཔྱད་ཝི་ཛརཌི།
འདྲི་དཔྱད་ཝི་ཛརཌི་དེ་གིས་ ཁྱོད་ལུ་ གནད་སྡུད་གཞི་རྟེན་འདྲི་དཔྱད་བཀོད་སྒྲིག་འབད་ནི་ལུ་ གྲོགས་རམ་འབདཝ་ཨིན། དེ་ཡང་ ཚད་རིས་ཀྱི་ལག་ལེན་པའི་ངོས་འདྲ་བ་དང་ཡང་ན་ རང་བཞིན་གྱིས་གསར་བསྐྲུན་འབད་ཡོད་པའི་ ཨེསི་ཀིའུ་ཨེལ་སྐད་ཡིག་བརྡ་བཀོད་འདི་ ལག་ལེན་འཐབ་ཐོག་ལས་ སྲུངས་བཞག་འབད་ཡོད་པའི་འདྲི་དཔྱད་འདི་ ཤུལ་མ་འབོ་རུང་བཏུབ།
འདྲི་དཔྱད་ཝི་ཛརཌི་ - ས་སྒོའི་སེལ་འཐུ།
འདྲི་དཔྱད་འདི་གསར་བསྐྲུན་འབད་ནི་དོན་ལུ་ ཐིག་ཁྲམ་འདི་གསལ་བཀོད་འབད་ནི་དང་ འདྲི་དཔྱད་ནང་ལུ་ ཁྱོད་ཀྱིས་ ས་སྒོ་ག་འདི་གྲངས་སུ་བརྩི་ནི་ཨིན་ན་གི་སྐོར་ལས་ གསལ་བཀོད་འབདཝ་ཨིན།
འདྲི་དཔྱད་ཝི་ཛརཌི་ - རིམ་པའི་དབྱེ་སེལ།
ཁྱོད་རའི་འདྲི་དཔྱད་ནང་ལུ་ གནད་སྡུད་དྲན་ཐོའི་དོན་ལུ་དབྱེ་བའི་རིམ་པ་འདི་ གསལ་བཀོད་འབདཝ་ཨིན།
འདྲི་དཔྱད་ཝི་ཛརཌི་ - གནས་སྟངས་འཚོལ་ཞིབ་ཚུ།
འདྲི་དཔྱད་འདི་ཚགས་མ་བཙུགས་ནིའི་དོན་ལུ་ གནས་སྟངས་འཚོལ་ཞིབ་འདི་ གསལ་བཀོད་འབདཝ་ཨིན།
འདྲི་དཔྱད་ཝི་ཛརཌི་ - རྒྱས་བཤད་ཡང་ན་བཅུད་དོན།
འདྲི་དཔྱད་ཀྱི་དྲན་ཐོ་ཚུ་ཆ་མཉམ་རང་དང་ ཡང་ན་ སྤྱི་སྙོམས་ལས་འགན་གྱི་གྲུབ་འབྲས་ཚུ་རྐྱངམ་ཅིག་ བཀྲམ་སྟོན་འབད་ནི་ཨིན་ན་མེན་ན་འདི་གསལ་བཀོད་འབདཝ་ཨིན།
སྤྱི་སྙོམས་ཀྱི་ལས་འགན་ཚུ་ ལག་ལེན་འཐབ་བཅུག་པའི་འདྲི་དཔྱད་ནང་ལུ་ ཨང་གྲངས་ཀྱི་ས་སྒོ་ཚུ་ཡོད་པ་ཅིན་རྐྱངམ་ཅིག་ ཤོག་ལེབ་དེ་གིས་བཀྲམ་སྟོན་འབདཝ་ཨིན།
འདྲི་དཔྱད་ཝི་ཛརཌི་ - སྡེ་བཟོ།
Specifies whether to group the query. The data source must support the SQL statement "Group by clauses" to enable this page of the Wizard.
འདྲི་དཔྱད་ཝི་ཛརཌི་ - སྡེ་བཟོའི་གནས་སྟངས་ཚུ།
Specifies the conditions to group the query. The data source must support the SQL statement "Group by clauses" to enable this page of the Wizard.
འདྲི་དཔྱད་ཝི་ཛརཌི་ - མིང་གཞན་ཚུ།
ས་སྒོའི་མིང་ལུ་མིང་གཞན་འགན་སྤྲོད་འབདཝ་ཨིན། མིང་གཞན་འདི་གདམ་ཁ་ཅན་ཨིནམ་ལས་ ས་སྒོའི་མིང་ཚུ་གི་ནང་ལུ་བཀྲམ་སྟོན་འབད་ཡོད་མི་གི་ ལག་ལེན་པའི་མཛའ་མིང་མངམ་སྦེ་བྱིནམ་ཨིན། དཔེར་ན་ ཐིག་ཁྲམ་སོ་སོ་ལུ་མིག་གཅིག་པ་ཡོད་མི་ལས་ ས་སྒོ་ཚུ་ལག་ལེན་འཐབ་ད་ མིང་གཞན་འདི་བཏུབ།
འདྲི་དཔྱད་ཝི་ཛརཌི་ - སྤྱི་མཐོང་།
འདྲི་དཔྱད་ཀྱི་མིང་འདི་བཙུགས་བཞིནམ་ལས་ ཝི་ཛརཌི་འདི་མཇུག་བསྡུ་བཞིནམ་ལས་ ཁྱོད་ཀྱིས་འདྲི་དཔྱད་འདི་བཀྲམ་སྟོན་འབད་ནི་ཨིན་ན་ ཡང་ན་ ལེགས་བཅོས་འབད་ནི་ཨིན་ན་གི་སྐོལ་ལས་ གསལ་བཀོད་འབད།
རྒྱབ་ལོག
ཧེ་མའི་རིམ་པ་གི་ནང་ལུ་བཟོ་ཡོད་པའི་ཌའི་ལོག་ནང་གི་སེལ་འཐུ་ཚུ་སྟོན། ད་ལྟོའི་སྒྲིག་སྟངས་ཚུ་བསྒྱུར་བཅོས་མེདཔ་འབད་ལུསཔ་ཨིན།་ འ་ནི་ཨེབ་རྟ་འདི་ ཤོག་ལེབ་གཉིས་པ་ལས་རྐྱངམ་ཅིག་ཤུགས་ལྡན་བཟོ་བཏུབ།